Childrens Day Celebration
༄༅། །ཕྱི་ལོ་ ༢༠༡༩ ཟླ་བ་ ༡༡ ཚེས་ ༡༤ ཉིན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་དགེ་ལས་ཕ་མ་རྣམས་ཀྱིས་གོ་སྒྲིག་འོག་བྱིས་པའི་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པའི་འདྲ་པར་དང་བརྙན་ཐུང་། དེ་ཡང་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་སློབ་གྲྭའི་ཚེ་རིང་སྒྲོལ་མའི་ཚོགས་ཁང་ཆེན་མོ་ནང་དུ། སྐུ་ངོ་དྲུང་ཆེ་དང་དྲུང་གཞོན་མཆོག་དབུ་བཞུགས་ཐོག སྐུ་མགྲོན་གཙོ་བོ། སློབ་གྲྭའི་རྒན་བདག་རྣམ་པ་དང་། དགེ་ལས་སློབ་ཕྲུག་ཚང་མ་མཉམ་འཛོམས་ཐོག སློབ་གྲྭའི་ཤེས་ཡོན་འགན་འཛིན་བསྟན་འཛིན་མཆོག་གླང་དོན་ལགས་ཀྱིས་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་རྗེས་ དགེ་ལས་ཕ་མ་རྣམ་པས་སློབ་མ་རྣམས་ལ་གཞས་སྣ་དང་དགོད་བྲོའི་གཏམ་བརྗོད་ལ་སོགས་པ་མང་པོ་ཞིག་གཟིགས་འབུལ་ཞུས་ནས་མཛད་སྒོ་གང་ལེགས་ངང་གྲུབ་པ་བཅས་སོ།།
On the special occasion of CHILDRENS DAY our General Secretary Mr. Karma Chungdak welcomes the Chief Guests of the function Master Kalden Tsering (boys Captain), Miss Phuntsok Yangzom (girls Captain) and school prefects with scarves in our auditorium.
General Secretary and School Captains delivered speeches on this special occasion after offering scarves to the portraits of His Holiness and Jawaharlal Nehru.




